Quote by Dalai Lama

Quote by Dalai Lama

Sunday, 10 November 2024

Tibetan Scholarship Program (TSP) Question Paper 2017


Humble Note for all:

Since all the questions on the Sherig website are in scanned format, I have converted them into a digital format, making it easier for you to copy and search for answers online. If you need help with any questions or know the answers, please feel free to comment below. Let's build a community to support each other and excel in the exam together.


༄༅། ། ཨ་རིར་བོད་མིའི་སློབ་ཡོན་ལས་འཆར་གྱི་མི་འགྲོ་འདེམས་རྒྱུགས་ཀྱི་དྲི་ཤོག

(Question Paper: 2017)


དུས་ཡུན་ཆུ་ཆོད། ༣ TIME: 3 Hrs ཨང་ཐོབ། ༥༠ MARKS: 50



༼ཀ༽ གཤམ་གསལ་དྲི་བ་རྣམས་ལ་ལན་བྲིས། Answer the following questions


༡༽ བོད་དང་རྒྱ་ནག་གི་དཀའ་རྙོག་སེལ་ཕྱིར་ྋརྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ སྔ་ཕྱིར་ཐབས་ལམ་འདོན་གནང་མཛད་ཡོད་པ་དེ་དག་མདོར་བསྡུས་ཤིག་བྲིས། (༥)


Briefly write about the measures or initiatives undertaken by His Holiness the Great .XIV Dalai Lama in order to resolve the Tibet- China conflict, before & after the occupation of Tibet?


༢༽ ྋརྒྱལ་མཆོག་ལྔ་པ་ཆེན་པོ་རྒྱ་ནག་ཏུ་ཕེབས་དུས་དང་། ཕེབས་དགོས་དོན། དེར་མཛད་འཕྲིན་ཇི་བསྐྱངས་སྐོར་མདོར་བསྡུས་ཤིག་བྲིས། (༣)


Briefly write the year, reason & activities undertaken by the Great Fifth Dalai Lama during his travel to China?


༣༽ ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་དོན་ཚན་ལྔ་ཅན་གྱི་རྩ་ཚིག་ཁྱབ་བསྒྲགས་མཛད་ ཡོད་པ་དེའི་ནང་གི་དོན་ཚན་བཞི་པར་བོད་རྒྱལ་ཁབ་སྐོར་ཇི་གསུངས་ཞིབ་གསལ་བྲིས། (༢)


His Holiness the Great Thirteenth Dalai Lama had made a five point proclamation. Write clearly what was mentioned about Tibet in the fourth point?


༤༽ ༸རྒྱལ་མཆོག་ལྔ་པ་ཆེན་པོའི་སྐུ་དུས་ཀྱི་སྡེ་སྲིད་གསུམ་གྱི་མིང་བྲིས། (༢)


Write names of three regents who served during the reign of the Great Fifth Dalai Lama?


༥༽ ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་སྐུ་དུས་སུ་ སིམ་ལར་དབྱིན་བོད་རྒྱ་གསུམ་ཆིངས་དོན་ལྷན་འཛོམས་གནང་བ་དེ་སྐབས་བོད་གཞུང་གི་སྐུ་ཚབ་ནས་བོད་རང་དབང་ལྡན་པ་ཞིག་ཡིན་པའི་ར་སྤྲོད་བྱས་ཚུལ་མདོར་བསྡུས་ཤིག་བྲིས། (༣)


A meeting was held in Simla between British India, Tibet & China during the lifetime of His Holiness the Great thirteenth Dalai Lama. Briefly write what Tibet's plenipotentiary does to prove Tibet's freedom?


༼ཁ༽ གཤམ་གསལ་དྲི་བ་རྣམས་ལ་ལན་བྲིས། Answer the following questions


༡༽ བཙན་འབྱོལ་བོད་མིའི་བཅའ་ཁྲིམས་སུ་བཀོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་རྣམས་ཁ་གསལ་བྲིས། (༣)


Write clearly the responsibilities of CTA as specified by the Charter of Tibetans in exile?


༢༽ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་ནང་དོན་སྐོར་མདོར་བསྡུས་ཤིག་བྲིས། (༥)


Briefly write about the contents of the Memorandum of Genuine Autonomy for the Tibetan people?


༣༽ བཙན་འབྱོལ་བོད་མི་རྣམས་ཀྱིས་མང་གཙོའི་ལུགས་བཟང་ལག་བསྟར་བྱེད་པའི་རྒྱབ་ལྗོངས་གནས་ཚུལ་ཇི་ཡིན་དང་། ལྷག་པར་བཙན་འབྱོལ་བོད་མིའི་བཅའ་ཁྲིམས་སུ་ལེའུ་བདུན་པ་འཇོག་དགོས་པའི་དགེ་མཚན་གང་ཡིན་ནམ། (༤)


What is the background of democratic system practiced by Tibetan people in exile? Especially, what is the reason for including Chapter-Seven in the Charter of Tibetans in exile?


༤༽ བཙན་འབྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ སྐོར་ཁྱེད་རང་གི་གང་ཤེས་མདོར་བསྡུ་ཤིག་བྲིས། (༣)


Briefly write about the Tibetan Rehabilitation Policy 2014?


༼ག༽ གཤམ་གསལ་དྲི་བ་རྣམས་ལ་ལན་བྲིས། Answer the following questions


༡༽ ༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མཇལ་འཕྲད་མཛད་པའི་ཨ་རིའི་སྲིད་འཛིན་གསུམ་གྱི་མིང་བྲིས། (༣)


Write names of three Presidents of the United States of America who received His Holiness the XIV Dalai Lama?


༢༽ ཨ་རི་དང་ཡོ་རོབ་ཁུལ་གྱི་སྲིད་གཞུང་ངམ། མི་མང་གིས་འོས་འདེམས་བྱས་པའི་འཐུས་མི་རྣམས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་བཞག་པ་གསུམ་གང་དང་གང་ཡིན་བྲིས། (༣)


Name three resolutions adopted by government or people's representatives of USA or European countries in support of the Tibetan cause?


༣༽ མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གོ་སྒྲོག་བྱེད་པའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སུ་བོད་ཀྱི་ཁོར་ ཡུག་གནས་སྟངས་སྐོར་ཁྱེད་རང་གིས་ཀྱི་ངོ་སྤྲོད་འགྲེལ་བཤད་བྱ་རྒྱུ་མདོར་བསྡུས་ཤིག་བྲིས། (༤)


Briefly write what you are going to tell about Tibet's environment to the Conference of Climate Change organised by the United Nations?


༼ང༽ གཤམ་གསལ་དུམ་བུ་གཅིག་དབྱིན་སྐད་དམ་བོད་སྐད་དུ་སྒྱུར། (༡༠)

From the following, choose one to translate either into English or Tibetan.


༡༽ ངོས་ནི་འདབ་ཆགས་འཕུར་བའི་རྗེས་ལ་ལྟ་ཞིང་འདུས་བྱས་ཐམས་ཅད་མི་རྟག་པ་འདི་ལྟ་བུ་ཨང་སྙམ་པས། རྗེས་སུ་འཕུར་བའི་གཤོག་པ་ནི་མེད། གྲོས་འདྲི་བར་སྐད་ནི་མི་ཤེས། སེམས་སྐྱོ་བའི་མཆི་མ་ནི་ཆར་བཞིན་བབས་པའི་ངང་ནས་འདབ་ཆགས་འཕུར་བའི་ནམ་མཁའི་ངོས་སུ་བལྟ་བཞིན་འདི་སྐད་ཅེས་བརྗོད་དོ།

སྐད་གཉིས་སྨྲ་བའི་འདབ་ཆགས་སེར་ལྡན་བྱོད། ང་ཡི་ཕ་ཡུལ་ཕྱོགས་ལ་བསྐྱོད་སྲིད་ན། ཕ་མ་མིང་སྲིང་རྣམས་ལ་ལན་ཅིག་ཡོད། ཚེ་འདི་མི་ཆུད་མི་ལས་སྐྱུ་མ་ལྟར་ ཉན་ཏན་མེད་པ་དེ་དང་དེ་འདྲར་བརྟེན། ཚད་པར་མ་འཇིག་བདེན་པའི་ཆོས་ཉིད་མེད། དེ་བས་བསླུ་མེད་འདི་ཕྱི་གཏན་གྱི་སྐྱབས། དཀོན་མཆོག་ཁོ་ནར་གསོལ་བ་དྲག་ཏུ་ཐོབས། ཚེ་འདིར་མཇལ་བའི་སྐལ་བ་མ་བྱུང་ཡང་། ཕྱི་མར་མཇལ་བའི་སྨོན་བ་མི་འདོར་རོ། །


༢༽ After the Chinese occupation of Tibet, Cariappa was keen to strengthen the country's defenses right up to the border with Tibet. With this in mind, he told Nehru that Indians should prepare itself military against China's expansionist designs, Nehru flared up. He told Cariappa it was not the business of Commander-in- chief to tell the prime minister who was going to attack where. But Patel could not be brushed aside as easily. He wrote a letter to Nehru explaining that the Chinese occupation of Tibet has increased the threat to India as there was no agreed border between the two. Nehru maintained that Pakistan was the military threat, while China and India could resolve their differences with goodwill and diplomatic means. So after Patel passed away, Nehru and his men pretended that there was no problem with China. China wanted Tibet's vast area to accommodate fast-growing Chinese population; the large untapped mineral reserves could be exploited; and the domination of Asia. If this had been understood, Nehru would have followed Patel's and Cariappa's advice to both strengthen border management and resolve the border disputes, which was possible in his lifetime. The 1962 war and the clandestine nexus between China and Pakistan may not have developed.


No comments:

Post a Comment