Since around 2018-2019, it appears that the Department of Education has updated its examination format to include multiple-choice questions along with one translation question. In total, there are 4 sections: History (15 points), Politics (15 points), General Knowledge (15 points), and Translation (5 points).
Humble Note:
Since all the questions on the Sherig website are in scanned format, I have converted them into a digital format, making it easier for you to copy and search for answers online. If you need help with any questions or know the answers, please feel free to comment below. Let's build a community to support each other and excel in the exam together.
༄༅། །ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་འདེམས་རྒྱུགས་ཀྱི་དྲི་ཤོག
General Written Test in Tibetan for Tibetan Scholarship Program - 2019
དུས་ཡུན། ཆུ་ཚོད་ ༢།༠༠ Time: 2 Hours བརྒྱ་ཆ། ༥༠ Max, Marks: 50
སྤྱིར་བཏང་ལམ་སྟོན། General Instructions
༡། དྲི་ཤོག་འདིར་ཁྱོན་བསྡོམས་དྲི་བ་ ༤༦ ཡོད་པ་རྣམས་ཚན་པ་ཀ༽རྒྱལ་རབས་དང་ལོ་རྒྱུས། ཁ༽ཆབ་སྲིད། ག༽སྤྱིར་ བཏང་ཤེས་བྱ། ང༽ ཕབ་བསྒྱུར་བཅས་ཚན་པ་བཞི་ཆ་བགོས་བརྒྱབ་ཡོད།
1. The question paper consists of 46 questions divided into four sections: Section A History, Section B Politics, Section C General Knowledge and Section D Translation.
༢། དྲི་བ་ ༡ ནས་ ༤༥ བར་དྲི་བ་རེར་བརྒྱ་ཆ་ ༡ རེ་དང་། དྲི་བ་ ༤༥ ཕབ་བསྒྱུར་ལ་བརྒྱ་ཆ་ ༥ ཡོད།
2. Question numbers 1 to 45 are of 1 mark and question number 45 is of translation with 5 marks.
༣། དྲི་བ་ ༡ ནས་ ༤༥ བར་འདམ་ག་ཅན་གྱི་དྲི་བ་ཡིན་ཞིང་། དྲི་བ་རེར་ལན་བཞི་རེ ད་པ་ལས་འོས་འཚམས་ཤོས་ཀྱི་ལན་ དེ་འདེམས་དགོས།
3. Question numbers 1 to 45 are of multiple choice questions having four options. Choose only the correct option.
ཀ༽ རྒྱལ་རབས་དང་ལོ་རྒྱུས། History ༡༥
༡། ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་དུ་གསེར་ཁྲི་མངའ་གསོལ་ཕྱི་ལོ་ཟླ་ཚེས་གང་དུ་ཞུས་སམ།
A. ཕྱི་ལོ་ ༡༥༤༢ ཟླ་ ༤ ཚེས་ ༥ ཉིན། C. ཕྱི་ལོ་ ༡༦༤༢ ཟླ་ ༤ ཚེས་ ༥ ཉིན།
B. ཕྱི་ལོ་ ༡༦༤༣·ཟླ་ ༤ ཚེས་ ༥ ཉིན། D. ཕྱི་ལོ་ ༡༦༤༥ ཟླ་ ༤ ཚེས་ ༥ ཉིན།
1. When was the 5th Dalai Lama enthroned as the temporal and spiritual leader of Tibet?
A. On 5th April, 1542 C. On 5th April, 1642
B. On 5th April, 1643 D. On 5th April, 1645
༢། ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞེངས་པའི་ཕོ་བྲང་པོ་ཏཱ་ལ་ཕྱིས་སུ་༸རྒྱལ་དབང་སྐུ་ཕྲེང་སུས་རྒྱ་བསྐྱེད་མཛད་དམ།
A. ༸རྒྱལ་དབང་སྐུ་ཕྲེང་གསུམ་པ་མཆོག C. ༸རྒྱལ་དབང་སྐུ་ཕྲེང་བཞི་པ་མཆོག
B. ༸རྒྱལ་དབང་སྐུ་ཕྲེང་ལྔ་པ་མཆོག D. ༧རྒྱལ་དབང་སྐུ་ཕྲེང་དྲུག་པ་མཆོག
2. Which Dalai Lama expanded the Potala Palace initially built by King Songtsen Gampo?
A. The 3rd Dalai Lama C. The 4th Dalai Lama
B. The 5th Dalai Lama D. The 6th Dalai Lama
༣། ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོས་ལྗགས་རྩོམ་གནང་བའི་བོད་ཀྱི་རྒྱལ་རབས་དཔེ་དེབ་ཀྱི་མཚན་བྱང་གང་ཡིན་ནམ།
A. རྒྱལ་རབས་དེབ་ཐེར་དཀར་པོ། C. བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།
B. ཞྭ་ལུ་གསེར་ཁང་གི་ལོ་རྒྱུས། D. ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།
3. What is the title of the history book written by the 5th Dalai Lama?
A. The White Annals C. The Song of the Queen of Spring
B. History of the Zhalu Serkhang D. My Land and My People
༤། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཕྱི་ལོ་གང་གི་ལོར་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་སམ། སྐབས་དེར་༸ཁོང་དགུང་གྲངས་ག་ཚོད་ཡིན་ནམ།
A. ཕྱི་ལོ་ ༡༨༩༤ ལོར་ཐུགས་འགན་བཞེས། དེ་དུས་དགུང་གྲངས་ཉི་ཤུ་རྩ་གཉིས་ཡིན།
B. ཕྱི་ལོ་ ༡༨༩༥ ལོར་ཐུགས་འགན་བཞེས། དེ་དུས་དགུང་གྲངས་ཉི་ཤུ་ཡིན།
C. ཕྱི་ལོ་ ༡༨༩༦ ལོར་ཐུགས་འགན་བཞེས། དེ་དུས་དགུང་གྲངས་ཉི་ཤུ་རྩ་གཅིག་ཡིན།
D. ཕྱི་ལོ་ ༡༨༩༧ ལོར་ཐུགས་འགན་བཞེས། དེ་དུས་དགུང་གྲངས་ཉི་ཤུ་རྩ་ལྔ་ཡིན།
4.In which year did the 13th Dalai Lama took both spiritual and temporal responsibility? What was His Holiness’ age then?
A. In the year 1894. His Holiness was 22 years old then.
B. In the year 1895. His Holiness was 20 years old then.
C. In the year 1896. His Holiness was 21 years old then.
D. In the year 1897, His Holiness was 25 years old then.
༥། ༸རྒྱལ་དབང་སྐུ་ཕྲེང་སུས་ཕྱི་ལོ་གང་གི་ལོར་བོད་ནང་སྨན་རྩིས་ཁང་ཐོག་མར་གསར་འཛུགས་གནང་བ་རེད་དམ།
A. ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ ༡༩༡༣ ལོར། C. ༧རྒྱལ་དབང་སྐུ་ཕྲེང་བཅུག་པའི་ ༡༨༥༤ ལོར།
B. ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ ༡༩༡༦ ལོར། D. ྋརྒྱལ་དབང་སྐུ་ཕྲེང་བཅུག་པའི་ ༡༨༥༥ ལོར།
5. In which year the first Men-Tsee-Khang was established in Tibet and by which Dalai Lama?
A. By the 13th Dalai Lama in 1913 C. By the 11th Dalai Lama in 1854
B. By the 13th Dalai Lama in 1916 D. By the 11th Dalai Lama in 1855
༦། ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ཕྱི་ལོ་གང་གི་ལོར་བོད་རང་བཙན་ཡིན་གསལ་བསྒྲགས་བསྐྱངས་སམ།
A. ཕྱི་ལོ་༡༩༡༣ལོར། C. ཕྱི་ལོ་ ༡༩༡༥ ལོར།
B. ཕྱི་འོ་༡༩༡༤ ཕོད། D. ཕྱི་ལོ་ ༡༩༡༦ ལོར།
6. In which year the 13th Dalai Lama declared Independence of Tibet?
A. In 1913 C. In 1915
B. In 1914 D. In 1916
༧། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཕྱི་ལོ་ཟླ་ཚེས་གང་གི་ལོར་སྐུ་འཁྲུངས་སམ།
A. ཕྱི་ལོ་ ༡༩༣༠ ཟླ་ ༦ ཚེས་ ༧ ཉིན། C. ཕྱི་ལོ་ ༡༩༣༥ ཟླ་ ༦ ཚེས་ ༧ ཉིན།
B. ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན། D. ཕྱི་ལོ་ ༡༩༣༩ ཟླ་ ༧ ཚེས་ ༦ ཉིན།
7. When was His Holiness the 14th Dalai Lama born?
A. 7th June 1930 C. 7th June 1935
B. 6th July 1935 D. 6thJuly 1939
༨། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ཕྱི་ལོ་ག་དུས་བོད་ཀྱི་ཆབ་སྲིད་ཐུགས་འགན་གཙང་བཞེས་མཛད་དམ།
A. ཕྱི་ལོ་ ༡༩༤༩ ལོར། C. བྱི་ངོ་ ༡༩༥༩ ལོར།
B. ཕྱི་ལོ་ ༡༩༥༠ ལོར། D. ཕྱི་ལོ་ ༡༩༤༠ ལོར།
8. In which year the 14 Dalai Lama took the responsibility of political leadership?
A. In 1949 C. In 1959
B. In 1950 D. In 1940
༩། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ག་དུས་འབུལ་བཞེས་མཛད་ཡོད་དམ།
A. ཕྱི་ལོ་ ༡༩༨༩ ཟླ་ ༡༢ ཚེས་ ༡༠ ཉིན། C. ཕྱི་ལོ་ ༡༩༩༡ ཟླ་ ༡༢ ཚེས་ ༡༠ ཉིན།
B. ཕྱི་ལོ་ ༡༩༩༠ ཟླ་ ༡༢ ཚེས་ ༡༠ ཉིན། D, ཕྱི་ལོ་ ༡༩༩༥ ཟླ་ ༡༥ ཚེས་ ༡༠ ཉིན།
9. When was H.H. the 14th Dalai Lama awarded the Nobel Peace Prize?
A. On 10th December 1989 C. On 10th December 1991
B. On 10th December 1990 D. On 10th December 1995
༡༠། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་བོད་ཀྱི་ཆབ་སྲིད་ཐུགས་འགན་གཙང་མ་བཞེས་རྗེས་རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ནས་དྲིལ་བསྒྲགས་གལ་ཆེ་ཞིག་གནང་ཡོད་པ་དེ་གང་ཡིན་ནམ།
A. རྒྱ་དམག་བོད་ས་བཙན་འཛུལ་བྱས་པ་རྣམས་ཕྱིར་འཐེན་དགོས།
B. རྒྱ་དམར་གུང་བྲན་ཏང་གི་བྱ་སྤྱོད་ལ་ཡིད་བརྟན་རྩ་བ་ནས་མེད།
C. བོད་ནང་གི་བཙོན་པ་ཡོངས་རྫོགས་གློལ་བཀྲོལ་རང་དབང་དུ་བཏང་།
D. རྒྱ་ནག་གཞུང་དང་མཐུན་ལམ་གནང་རྒྱུ་ཡིན།
10. To mark the occasion of his ascension to the political power, His Holiness the 14th Dalai Lama made an important announcement. What was that?
A. China should withdraw their army from the invaded territories of Tibet.
B. I never trust the behaviour of Chinese Communist Party.
C. Granted a general amnesty whereby all the prisoners in Tibet were set free.
D. To make friendship with the Chinese government.
༡༡། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཐོག་མར་ངོས་འཛིན་ཞུ་བར་ཨ་མདོ་ས་ཁུལ་དུ་ཕེབས་མི་གཙོ་བོ་སུ་ཡིན་ནམ།
A. ཕུར་ལྕོག་ཡོངས་འཛིན་མཆོག་སྤྲུལ་རིན་པོ་ཆེ་དང་། ཁང་སེར་རིན་པོ་ཆེ་རྣམ་གཉིས།
B. རྒྱལ་ཚབ་རྭ་སྒྲེང་ཧོ་ཐོག་ཐུ་དང་། ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་རྣམ་གཉིས།
C. སེ་ར་ཧར་གདོང་ཀེའུ་ཚང་རིན་པོ་ཆེ་དང་། རྩེ་དྲུང་བློ་བཟང་ཚེ་དབང་རྣམ་གཉིས།
D. གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་དང་། བསོད་ནམས་རྒྱལ་མཚན་རྣམ་གཉིས།
11. Who were the main members of the search party that reached the Amdo region for the recognition of His Holiness the 14th Dalai Lama?
A. Phurchok Yongzin Choktrul Rinpoche and Khangser Rinpoche.
B. Regent Reting Rinpoche and Kyabje Trijang Rinpoche.
C. Sera Hardong Keutsang Rinpoche and Tsedrung Lobsang Tsewang.
D. Thrinley Gyatso and Sonam Gyaltsen.
༡༢། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཚེ་ཧྲིལ་པོའི་འགན་ཁུར་གསུམ་གྱི་ཐོག་ཉེ་བའི་དུས་སུ་འགན་ཁུར་འཕར་མ་ཞིག་ཁ་སྣོན་གནང་མཛད་པ་དེ་གང་ཡིན་ནམ།
A. ཆོས་ལུགས་ཕན་ཚུན་མཐུན་སྒྲིལ།
B. རྒྱ་གར་གྱི་གནའ་བོའི་རིག་གཞུང་སླར་གསོ།
C. བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་སྐྱོང་སྤེལ་གསུམ།
D. འགྲོ་བ་མི་ལ་གཅིག་མཚུངས་གི་བདེ་སྐྱིད་བསྐྲུན་ཐབས།
12. Which is the latest addition to the three main commitments in the life of His Holiness the 14th Dalai Lama?
A. Encouraging religious harmony
B. Revival of ancient Indian knowledge
C. Preservation of Tibetan language and culture
D. Encouraging cultivation of human values
༡༣། ༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་འབྱོར་བྱུང་མ་ཐག་རྒྱ་གར་གྱི་གྲོང་ཁྱེར་གང་དུ་གྲོས་མཐུན་དོན་ཚན་ ༡༧ ལ་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་སམ།
A. ཏེཛ་པུར། B. གུ་ཝ་ཧ་ཊི། C. ལྡི་ལི། D. མ་སུ་རི།
13. Soon after coming into exile, in which Indian city did H.H. the 14" Dalai Lama
formally repudiates the 17-point agreement?
A. Tezpur B. Guwahati C. Delhi D. Mussoorie
༡༤། ཕྱི་ལོ་ཟླ་ཚེས་གང་གི་ལོར་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལྷ་ས་ནོར་གླིང་བསྐལ་བཟང་ཕོ་བྲང་ནས་མཚན་མོ་སྐུ་ཕྱྭའི་ཉེན་གཡོལ་སླད་བྲོས་བྱོལ་དུ་ཕེབས་སམ།
A. ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ C. ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧
B. ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༥ D. ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༣༡
14. When did His Holiness the 14th Dalai Lama escape at night from Norbulingka
Palace in Lhasa?
A. 10th March 1959 C. 17th March 1959
B. 15th March 1959 D. 31ts March 1959
༡༥། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ ཀ་ཏུ་ཆིབས་བསྒྱུར་ཐེངས་དང་པོ་དེ་ག་དུས་བསྐྱངས་སམ།
A. ཕྱི་ལོ་ ༡༩༦༧ ལོར། C. ཕྱི་ལོ་ ༡༩༦༨ ལོར།
B. ཕྱི་ལོ་ ༡༩༧༣ ལོར། D. ཕྱི་ལོ་ ༡༩༧༩ ལོར།
15. When did His Holiness the 14th Dalai Lama make the first visit to the western
countries?
A. In 1967 C. In 1968
B. In 1973 D. In 1979
ཁ༽ ཆབ་སྲིད། Politics ༡༥
༡༦། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་འཛིན་སྐྱོང་གི་ལས་ཁུངས་མཐོ་ཤོས་དེ་གང་ཡིན་ནམ།
A. བཀའ་ཤག C. བོད་མི་མང་སྤྱི་འཐུས་ལྷན་ཚོགས།
B. དབུས་འོས་བསྡུ་ལས་ཁུངས། D. བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་།
16. Which is the highest executive office of the Central Tibetan Administration?
A. The Kashag C. The Tibetan Parliament-in-Exile
B. The Election Commission D. Tibetan Supreme Justice Commission
༡༧། བོད་མི་མང་གི་སྤྱི་འཐུས་གྲོས་ཚོགས་ནང་བཀའ་བློན་ཁྲི་པ་ཞེས་པའི་ཚབ་ཏུ་སྲིད་སྐྱོང་ཞེས་བསྐྱར་བཅོས་ག་དུས་གནང་བ་ཡིན་ནམ།
A. ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༠ ཉིན། C. ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༠ ཉིན།
B. ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༠ ཉིན། D. ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༢༠ ཉིན།
17. When did the Assembly of Tibetan People's Deputies amend the title of Kalon Tripa to Sikyong?
A. On 20th September 2011 C. On 20th September 2013
B. On 20th September 2012 D. On 20th September 2015
༡༨། བཙན་བྱོལ་ནང་མི་མང་གིས་མང་གཙོའི་ལམ་ནས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་པ་ཐོག་མ་དེ་སུ་ཡིན་ནམ།
A. འབུམ་རམས་པ་བློ་བཟང་སེང་གེ། C. སློབ་དཔོན་ཟམ་གདོང་རིན་པོ་ཆེ།
B. འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ། D. བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།
18. Who was the first Kalon Tripa in exile to be democratically elected by the people?
A. Dr. Lobsang Sangay C. Prof. Samdhong Rinpoche
B. Juchen Thupten Namgyal D. Tenzin Namgyal Tethong
༡༩། སྐབས་ ༡༤ པའི་འཛིན་སྐྱོང་བཀའ་ཤག་གི་གཞི་རྩའི་ལྟ་གྲུབ་གསུམ་པོ་དེ་གང་དང་གང་ཡིན་ནམ།
A. ཆིག་བསྒྲིལ་དང་། རང་དབང་། གསར་གཏོད་བཅས་ཡིན།
B. རང་བཙན་དང་། གསར་གཏོད། རང་སྲིད་རང་སྐྱོང་བཅས་ཡིན།
C. ཆིག་བསྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བཅས་ཡིན།
D. དབུ་མའི་ལམ་དང་། རང་སྲིད་རང་སྐྱོང་། འཚེ་བ་མེད་པ་བཅས་ཡིན།
19. What are three guiding principles of the 14th Kashag?
A. Unity, Freedom and Innovation
B. Freedom, Innovation and Self-reliance
C. Unity, Innovation and Self – reliance
D. Middle-way approach, Autonomy, Non-violence
༢༠། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་དེ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་བཀའ་ཤག་སྐབས་ག་དུས་གཏན་འབེབས་གནང་བ་རེད་དམ།
A. བཀའ་ཤག་སྐབས་ ༡༡ དུས་སུ། C. བཀའ་ཤག་སྐབས་ ༡༢ དུས་སུ།
B. བཀའ་ཤག་སྐབས་ ༡༣ དུས་སུ། D. བཀའ་ཤག་སྐབས་ ༡༤ དུས་སུ།
20. During which Kashag the Basic Education Policy for Tibetans in exile was approved by the Assembly of Tibetan People's Deputies?
A. During 11th Kashag C. During 12th Kashag
B. During 13th Kashag D. During 14th Kashag
༢༡། སྐབས་དང་པོའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དམ་འབུལ་ག་དུས་ཞུས་སམ།
A. ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༡༥ ཉིན། C. ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན།
B. ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན། D. ཕྱི་ལོ ༡༩༦༦ ཟླ་ ༥ ཚེས་ ༣ ཉིན།
21. When did the first Commission of Tibetan People's Deputies take oath?
A. 15th February 1960 C. 10th March 1963
B.2nd September 1960 D. 3rd May 1966
༢༢། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ཟླ་ཚེས་གང་གི་ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ་རེད་དམ།
A. ཕྱི་ལོ་ ༡༩༩༡ ཟླ་ ༥ ཚེས་ ༢༩ ཉིན། C. ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན།
B. ཕྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༢ ཉིན། D. ཕྱི་ལོ ༢༠༡༡ ཟླ་ ༨ ཚེས་ ༨ ཉིན།
22. When did the Tibetan Parliament-in-exile adopt the Charter of the Tibetans in
exile ?
A. 29th May 1991 C. 14th June 1991
B. 2nd September 2001 D. 8th August 2011
༢༣། “ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་དུས་ལ་བབས་ཡོད་"ཅེས་༸གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཕྱི་ལོ་གང་གི་ལོར་བསྩལ་བའི་གསུང་འཕྲིན་ནང་གསལ་ཡོད་དམ།
A. ཕྱི་ལོ་ ༡༩༩༡ ལོར། C. ཕྱི་ལོ་ ༢༠༠༡ ལོར།
B. ཕྱི་ལོ་ ༢༠༡༡ ལོར། D. ཕྱི་ལོ ༢༠༡༦ ལོར།
23. In which year did His Holiness the 14th Dalai Lama give the following message to the Assembly of the Tibetan People's Deputies:
"In order for our process of democratization to be complete, the time has come for me to devolve my formal authority to such an elected leadership."
A. In 1991 C. In 2001
B. In 2011 D. In 2016
༢༤། སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བཅུ་པའི་སྟེང་བཅའ་ཁྲིམས་བསྐྱར་བཅོས་ཀྱིས་ས་ཁུལ་གང་གི་སྤྱི་འཐུས་གྲངས་གཅིག་སྤར་ཆ་གནང་ཡོད་དམ།
A. བྱང་ཨ་རི། C. ཡོ་རོབ།
B. ཨོ་སི་ཀྲི་ལི་ཤི་ཡ། D. ཨ་ཧྥི་རི་ཀ
24.From which region one member was increased through amendment of charter in the 10th session of the 14th Tibetan Parliament in exile?
A. North America C. Europe
B. Australasia D. Africa
༢༥། བཙན་བྱོལ་བོད་མིའི་ཁྲིམས་ལུགས་དབང་འཛིན་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ག་དུས་གནང་ཡོད་དམ།
A. ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༡ ཉིན། C. ཕྱི་ལོ་ ༡༩༩༧ ཟླ་ ༡ ཚེས་ ༢༩ ཉིན།
B. ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༡༤ ཉིན། D. ཕྱི་ལོ་ ༡༩༩༢ ཟླ་ ༣ ཚེས་ ༡༡ ཉིན།
25. When did Tibetan Supreme Justice Commission come into existence?
A. 11th March 1992 C. 29th January 1997
B. 15th March 1959 D. 11th March 1992
༢༦། བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ལས་ལོ་ལྔའི་ནང་དམིགས་ཡུལ་གཙོ་བོ་དེ་གང་ཞིག་ཡིན་ནམ།
A. བོད་དོན་དཀའ་རྙོག་སེལ་རྒྱུ། C. བུད་མེད་ཀྱི་ནུས་སྟོབས་སྤེལ་རྒྱུ།
B. བོད་མིའི་མི་འབོར་སྤེལ་རྒྱུ། D. ཤེས་ཡོན་གྱི་སྤུས་ཚད་གོང་མཐོར་གཏོང་རྒྱུ།
26. What is the main objective in five years of the CTA's five-fifty vision?
A. To resolve Tibetan issue C. Women’s empowerment
B. To increase Tibetan population D. To improve the quality of education
༢༧། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་འབྲེལ་མོལ་ཐེངས་དང་པོ་དེ་ཕྱི་ལོ་གང་གི་ལོར་བསྐྱར་གསོ་བྱུང་ཡོད་དམ།
A. ཕྱི་ལོ་ ༢༠༠༠ ལོར། C. ཕྱི་ལོ་ ༢༠༠༡ ལོར།
B. ཕྱི་ལོ་ ༢༠༠༢ ལོར། D. ཕྱི་ལོ་ ༢༠༠༣ ལོར།
27. In which year the 1st round of talks between the envoys of His Holiness the Dalai Lama and the representatives of the Chinese government resumed?
A. In 2000 C. In 2001
B. In 2002 D. In 2003
༢༨། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་བོད་མིའི་གཞི་རྩའི་དགོས་མཁོའི་གནད་དོན་ཁག་ག་ཚོད་ངོས་འཛིན་བྱས་ཡོད་དམ།
A. དགོས་མཁོའི་གནད་དོན་ཁག་ ༡༠ C. དགོས་མཁོའི་གནད་དོན་ཁག་ ༡༡
B. དགོས་མཁོའི་གནད་དོན་ཁག་ ༡༣ D. དགོས་མཁོའི་གནད་དོན་ཁག་ ༡༥
28. How many Basic Needs of Tibetans are identified in the Memorandum on Genuine Autonomy for the Tibetan People?
A. 10 basic needs C. 11 basic needs
B. 13 basic needs D. 15 basic needs
༢༩། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་རང་ལུས་མེར་བསྲེགས་ཇི་ཙམ་བཏང་ཡོད་དམ།
A. ༡༥༡ B. ༡༥༢ C. ༡༥༣ D. ༡༥༤
29. Since 2009, how many Tibetan people in Tibet has self immolated so far?
A. 151 B. 152 C. 153 D. 154
༣༠། རྒྱ་ནག་གཞུང་དང་འབྲེལ་ལམ་བསྐྱར་གསོ་བྱུང་བ་ནས་བཟང་ྋསྐྱབས་མགོན་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་ངབར་བྲེལ་མོལ་ཐེངས་ག་ཆོད་བྱུང་ཡོད་དམ།།
A. བདུན། B. བརྒྱད། C. དགུ། D. བཅུ།
30. After the resumption of dialogue with China, how many rounds of talks between the envoys of His Holiness the Dalai Lama and the representatives of the Chinese government had taken place so far?
A. Seven B. Eight C. Nine D. Ten
ག༽ སྤྱིར་བཏང་ཤེས་བྱ། General Knowledge ༡༥
༣༡། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་ཨ་རིའི་ཝ་ཤིང་ཊོན་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་ལོ་རྒྱུས་རང་བཞིན་ལྡན་པའི་གྲོས་འཆར་གང་འདོན་གནང་མཛད་པ་རེད་དམ།
A. བོད་དོན་ཆེད་ཞི་བའི་གྲོས་འཆར་དོན་ཚན་ལྔ་འདོན་གནང་མཛད།
B. བོད་དོན་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་གྲོས་
C. བོད་རྒྱ་ཞི་མོལ་གྱི་གྲོས་འཆར་གསལ་བསྒྲགས་བསྐྱངས།
D. གྲོས་མཐུན་དོན་ཚན་བཅུ་བདུན་ངོས་ལེན་མེད་པའི་གསལ་བསྒྲགས་བསྐྱངས།
31. What was the historic proposal made by H.H. the 14ཡཾ Dalai Lama on 21st September 1987 to members of the US Congress in Washington DC?
A. Proposed a Five-point Peace Plan for Tibet
B. Proposed Middle Way Approach for a genuine autonomy for the Tibetan people
C. Proposed talks between the Chinese and Tibetans
D. Formally repudiates the 17-point agreement
༣༢། རྒྱ་ནག་གཞུང་ནས་བཟང་ཕྱོགས་ཀྱི་ཡ་ལན་མ་བྱུང་བར་བརྟེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སི་ཏྲས་སྦག་ གི་གྲོས་འཆར་རང་བཞིན་ནུས་མེད་གྱུར་པའི་གསལ་བསྒྲགས་ཕྱི་ལོ་གང་གི་ལོར་བསྐྱངས་སམ།
A. ཕྱི་ལོ་ ༡༩༧༩ ལོར། C. ཕྱི་ལོ་ ༡༩༨༩ ལོར།
B. ཕྱི་ལོ་ ༡༩༩༢ ལོར། D. ཕྱི་ལོ་ ༡༩༩༥ ལོར།
32. In which year His Holiness the Dalai Lama declares the Strasbourg Proposal invalid due to a lack of positive response from the Chinese government?
A. In 1979 C. In 1989
B. In 1992 D. In 1995
༣༣། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ རྒྱལ་ས་གང་དུ་ལྷན་ཚོགས་གནང་ཡོད་དམ།
A. ཨི་ཊ་ལིའི་རྒྱལ་ས་རོམ་ཁུལ་དུ། C. ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ།
B. རྒྱ་གར་གྱི་རྒྱལ་ས་ལྡི་ལིར། D. ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར།
33. In which city the 6th World Parliamentarian Convention on Tibet was held?
mow
A. Rome, Italy C. Washington, D.C., USA
B. New Delhi, India D. Ottawa, Canada
༣༤། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༩ དང་ ༡༠ ཉིན་རྡ་སར་འཚམས་གཟིགས་ཕེབས་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་སྣེ་ཁྲིད་པ་སུ་ཡིན་ནམ།
A. ལྕམ་སྐུ་ནེན་སི་པེ་ལོ་སི། C. སྐུ་ཞབས་ཇིམ་མེག་གྷོ་ཝན།
B. ལྕམ་སྐུ་བྷེ་ཊི་མེག་ཀ་ལམ། D. ལྕམ་སྐུ་ཇོ་སི་བྷི་ཊི།
34.་Who led the high-level U.S. Congressional delegation that visited Dharamsala from 9 – 10 May 2017?
A. Nancy Pelosi C. Jim McGovern
B. Betty McCollum D. Joyce Beatty
༣༥། ཕྱི་ལོ་གང་གི་ལོར་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ་རེད་དམ།
A. ཕྱི་ལོ་ ༢༠༠༡ ལོར། C. ཕྱི་ལོ་ ༢༠༡༠ ལོར།
B. ཕྱི་ལོ་ ༢༠༡༡ ལོར། D. ཕྱི་ལོ་ ༢༠༡༦ ལོར།
35. In which year the All Party Japanese Parliamentary Group for Tibet was formed?
A. In 2001 C. In 2010
B. In 2011 D. In 2016
༣༦། ད་ལྟའི་ཆར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སུ་ཡིན་ནམ།
A. རི་ཆར་ཌ་གྷེར། C. བུ་ཆུང་ཀེ་ཚེ་རིང་།
B. མ་ཊིའོ་མེཀ་ཀེ་སི། D. རིན་ཆེན་དར་ལོ།
36. Who is the current President of the International Campaign for Tibet?
A. Mr. Richard Gere B. Mr. Matteo Maccaci
C. Mr. Bhuchung K Tsering D. Mr. Rinchen Dharlo
༣༧། རྒྱ་གར་གྱི་གཤམ་གསལ་སྲིད་དོན་པ་རྣམས་ལས་སུས་འདི་ལྟར་གསུང་ཡོད་དམ། “བོད་དེ་གཏན་དུ་བརླགས་ཟིན་པ་ཡིན་ ནམ། མ་ཡིན། ནམ་ཡང་མ་ཡིན། བོད་དེ་འཆི་མི་སྲིད། རྒྱུ་མཚན་ནི། འགྲོ་བ་མིའི་སྙིང་སྟོབས་ལ་འཆི་རྒྱུ་མེད།”
A. ཇ་ཝ་ཧར་ལལ་ནེ་རུ། C. སར་དྷར་ཝ་ལབ་བྷཡེ་པ་ཊེལ།
B. ཨ་ཊལ་བི་ཧ་རི་ཝཇི་པཡེ། D. ཇཱ་ཡེ་པྲ་ཀཤ་ནཱ་རཱ་ཡན།
37. Which of the following Indian politicians gave the statement "Is Tibet lost forever? No. A thousand times no. Tibet will not die because there is no death for the human spirit."?
A. Pandit Jawaharlal Nehru C. Sardar Vallabhbhai Patel
B. Atal Behari Vajpayee D. Jayaprakash Narayan
༣༨། བཀའ་ཤག་ནས་ཕྱི་ལོ་ ༢༠༡༧ ལོ་གང་གི་ངོ་བོར་སྲུང་བརྩི་ཞུས་སམ།
A. ལས་འགུལ་གྱི་ལོ། C. རྒྱལ་སྤྱིའི་བོད་ཀྱི་ལོ།
B. བཀའ་དྲིན་རྗེས་དྲན་གྱི་ལོ། D. གོང་གསལ་ལས་གང་ཡང་མིན།
38. Kashag observed the year 2017 as
A. Year of Campaign C. International Year of Tibet
B. Year of Gratitude D. None of the above
༣༩། ༢༠༡༤ ལོར་ཨ་རིའི་གཞུང་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སུ་བསྐོ་གཞག་གནང་ཡོད་དམ།
A. ནེན་སི་པེ་ལོ་སི།
B. འབུམ་རམ་པ་ས་རཱ་སེ་ཝལ།
C. ཇུ་ཌི་ཅུ།
D. མ་རི་ཡ་ཨོ་ཊེ་རོ།
39. In 2014, who was appointed as Special Coordinator for Tibetan issues by the US Government?
A. Nancy Pelosi
B. Dr. Sarah Sewall
C. Judy Chu
D. Maria Otero
༤༠། གཞུང་གང་གིས་ཕྱི་ལོ་ ༢༠༠༢ ལོའི་བོད་ཀྱི་སྲིད་བྱུས་ཁྲིམས་ཡིག་གཏན་འབེབས་གནང་ཡོད་དམ།
A. རྒྱ་གར་གཞུང་།
B. ཨིན་ཇིའི་གཞུང་།
C. ཁེ་ན་ཌའི་གཞུང་།
D. ཨ་རིའི་གཞུང་།
40. Which government adopted The Tibetan Policy Act of 2002?
A. Indian Government
C. Canada Government
B. UK Government
D. US Government
༤༡། བཀའ་སྤྱི་ཐུན་མོང་ནས་བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོ་ཕྱི་ལོ་གང་གི་ལོར་སྤེལ་བ་ཡིན་ནམ།
A. ཕྱི་ལོ་ ༢༠༡༣ B. ཕྱི་ལོ་ ༢༠༡༢། C. ཕྱི་ལོ་ ༢༠༡༤ ལོར། D. ཕྱི་ལོ་ ༢༠༡༦ ལོར།
41. In which year the Kashag and the Tibetan Parliament in exile of the CTA jointly organized the ‘Tibetan People's Solidarity Campaign’?
A. In 2013 B. In 2012 C. In 2014 D. In 2016
༤༢། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༥ ཉིན་གྲོས་ཚོགས་གང་གིས་བླ་རུང་སྒར་གྱི་གནད་དོན་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་གནང་བ་རེད་དམ།
A. ཨིན་ཡུལ་གྱི་གྲོས་ཚོགས། C. ཇར་མ་ནི་གྲོས་ཚོགས།
B. ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས། D. ཧྥ་རན་སི་གྲོས་ཚོགས།
42. Which parliament passed a resolution on 15 December 2016 on the cases of the Larung Gar?
A. British Parliament C. German Parliament
B. European Parliament D. French Parliament
༤༣། ཕྱི་ལོ་ ༡༩༩༥ ཟླ་ ༡༢ ཚེས་ ༡༤ ཉིན་ཡོ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་ནང་བོད་དང་འབྲེལ་བའི་གནང་དོན་གང་གི་ཐོག་ལ་གྲོས་ཆོད་གཏན་འབེབས་གནང་བ་ཡིན་ནམ།
A. པན་ཆེཎ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་སྐོར། C. བོད་རྒྱ་འབྲེལ་མོལ་བ ལ་བསྐྱར་གསོ་སྐོར།
B. བོད་ནང་འགྲོ་བ་མིའི་ཐོབ་ཐང་སྐོར། D. བོད་ནང་ཤེས་ཡོན་གྱི་ཐོབ་ཐང་སྐོར།
43. What was the resolution passed in the European Parliament on 14 December 1995 on the matters related to Tibet?
A. Selection of Panchen Lama C. Resumption of Sino-Tibet talk
B. Human rights in Tibet D. Education rights in Tibet
༤༤། ཕྱི་ལོ་ ༡༩༨༩ ལོར་གསར་འཛུགས་གནང་བའི་བོད་ཀྱི་དོན་གཉེར་ཚོགས་པའི་ད་ལྟའི་འགན་འཛིན་སུ་ཡིན་ནམ།
A. ཀཡེ་མུ་ལར། C. ཐོ་མ་སེ་མན།
B. ཚེ་རིང་བྱམས་པ། D. རི་ཆར་ཌི་གེར།
44. Who is the current President of the Tibet Interest Group which started in 1989?
A. Kai Muller C. Thomas Mann
B. Tsering Jampa D. Richard Gere
༤༥། སིམ་ལའི་ཆིངས་ཡིག་དེ་རྒྱལ་ཁབ་གང་དང་གང་གི་དབར་ལ་བཞག་ཡོད་དམ།
A. རྒྱ་ནག་དང་། བོད། ཨིན་ཇི་བཅས་ཀྱི་དབར། C. མན་ཇུ་དང་། བོད། རྒྱ་ནག་བཅས་ཀྱི་དབར།
B. རྒྱ་གར་དང་། རྒྱ་ནག བོད་བཅས་ཀྱི་དབར། D. རྒྱ་ནག་དང་། བོད། བལ་ཡུལ་བཅས་ཀྱི་དབར།
45. Between which countries the Simla Convention was signed?
A. Between China, Tibet & Britain C. Between Manchu, Tibet & China
B. Between India, China & Tibet D. Between China, Tibet & Nepal
ང༽ ཕབ་བསྒྱུར། Translation
༤༦། གཤམ་གསལ་བཀའ་སློབ་དུམ་ཚན་ཨིན་ཡིག་ཐོག་ཕབ་བསྒྱུར་གྱིས། ༠༥
མི་ཚེ་སྐྱིད་པོ་དང་མི་ཚེ་དོན་དང་ལྡན་བ།
ཤེས་ཡོན་སློབ་སྦྱོང་བྱས་ནས་མཐའ་མར་མི་ཚེ་ཡག་པོ་ཞིག་བསྐྱལ་དགོས་པ་བཤད་མ་དགོས་པ་རེད། མི་ཚེ་ཡག་པོ་བསྐྱལ་རྒྱུ་དང་། མི་ཚེ་སྐྱིད་པོ་བསྐྱལ་རྒྱུར་དོན་དག་ཁ་ཤས་བསྡོམས་བརྒྱབས་ནས་ཞུས་ན། ཁྱེད་ཚོ་རྗེས་མ་སློབ་སྦྱོང་མཐར་སྐྱེལ་བའི་སྐབས་སུ་ཡིན་ནའང་རེད། སློབ་སྦྱོང་མཐར་བསྐྱལ་ཚར་བའི་རྗེས་ལ་སོ་སོའི་མི་ཚེའི་མདུན་ལམ་གང་འདྲ་ཞིག་ལ་ཞུགས་པ་ཡིན་ནའང་། དེའི་སྐབས་སུ་གཅིག་བྱས་ན་ཐུགས་ཕན་གསོས་ཀྱི་རེད་བསམ་གྱི་འདུག མི་ཚེ་སྐྱིད་པོ་བསྐྱལ་རྒྱུ་དང་། མི་ཚེ་དོན་དང་ལྡན་པ་བསྐྱལ་རྒྱུ་ཞེས་པའི་གནས་ཚུལ་གཉིས་པོ་དེ་ཕྲན་བུ་ཐ་དད་རེད། མི་ཚེ་སྐྱིད་པོ་སྐྱེལ་མཁན་ཚང་མས་མི་ཚེ་དོན་དང་ལྡན་པ་བསྐྱལ་བའི་ངེས་པ་གང་ཡང་མེད། མི་ཚེ་སྐྱིད་པོ་འཁྱོལ་ཐུབ་པའི་དོན་དུ་ཆ་རྐྱེན་གསུམ་ཞིག་མེད་དུ་མི་རུང་བ་རེད། ཆ་རྐྱེན་གསུམ་པོ་དེ་གང་རེད་ཅེ་ན། གཟུགས་གཞི་བདེ་ཐང་ཡོད་དགོས་པ་དང་གཅིག བསམ་བློ་བདེ་ཐང་ཡོད་དགོས་པ་དང་གཉིས། འཚོ་ཐབས་ཡང་དག་པ་ཞིག་ཡོད་དགོས་པ་དང་གསུམ་བཅས་རེད། དེ་གསུམ་ཆ་ཚང་སོ་སོའི་ལག་པར་ཡོད། གནས་ཚུལ་ཡག་པོ་མཁྱེན་ན། ཆ་རྐྱེན་གསུམ་པོ་དེ་བསྒྲུབ་མི་ཐུབ་པ་མེད།
བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག
ཡང་ན། OR
46. Translate the following into Tibetan
I accept the prize with profound gratitude on behalf of the oppressed everywhere and for all those who struggle for freedom and work for world peace. I accept it as a tribute to the man who founded the modern tradition of nonviolent action for change, Mahatma Gandhi, whose life taught and inspired me. And, of course, I accept it on behalf of the six million Tibetan people, my brave countrymen and women inside Tibet, who have suffered and continue to suffer so much. They confront a calculated and systematic strategy aimed at the destruction of their national and cultural identities. The prize reaffirms our conviction that with truth, courage and determination as our weapons, Tibet will be liberated.
- His Holiness the 14th Dalai Lama

No comments:
Post a Comment